Other
Other
སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠རྒྱལ་ཡོངས་དམིགས་ཚད་༦ པ་ སྤྱི་ལོ་༢༠༢༠ ལུ་ ཡུན་བརྟན་འཛིན་སྐྱོང་གི་འཆར་གཞི་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ཉ་དང་ ཆུ་ནང་གི་སྐྱེ་ལྡན་རིགས་སྣ་གཙོ་བོ་ཚུ་གི་དོན་ལུ་ གཞི་རྟེན་གཞི་བཙུགས་འབད་ནི།
འབྲུག་ལུ་ རང་བཞིན་གྱི་ཆུ་གཡུར་ཚུ་ནང་ ཉ་དང་ གཞན་མི་ཆུ་ཡི་རིགས་སྣ་ཚུ་གི་ གྲུབ་ཆ་ཚུ་ ཤེས་ཚུགས་ནིའི་དོན་ལུ་ ད་ལྟོ་ཚུན་ཚོད་ ཚན་རིག་གི་ཞིབ་འཇུག་ དག་པ་ཅིག་ལས་བརྒལ་མེདཔ་ཨིན་པས། ༉ འབྲུག་གི་གཙང་ཆུ་སྦོམ་ཚུ་ནང་ གློག་མེ་ལས་འགུལ་སྦོམ་ཚུ་ འགོ་འདྲེན་འཐབ་མི་ལས་བརྟེན་ ཆུ་ནང་གི་ སྐྱེ་ལྡན་རིགས་སྣ་ཚུ་ལུ་ ཉེན་ཁ་བྱུང་ནི་ཨིནམ་ད་ དེ་ཡང་ སྐྱེ་ལྡན་གནས་སྟངས་ཚུ་ མེདཔ་བཏང་མི་དང་ བྱ་གསོ་སྐྱོང་འབད་སའི་ ས་ཁོངས་ཚུ་ མེདཔ་བཏང་མི་ དེ་ལས་ གནས་སྤོ་འགྱོ་སའི་ ལམ་ལུགས་ཚུ་ལུ་ ཐོ་ཕོག་མི་ལུ་བརྟེན་ཏེ་ཨིན་པས། འབྲུག་གི་ཉ་རིགས་མ་འདྲཝ་ཚུ་གི་སྐོར་ལས་ ད་རེས་ནངས་པར་ ཉེན་ཁ་དང་ ཤེས་ཡོན་ལངམ་སྦེ་མེད་མི་ལུ་བརྟེན་ ཆུ་གཙང་མའི་ཉ་རིགས་མ་འདྲཝ་ཚུ་གི་སྐོར་ལས་ ཞིབ་འཇུག་རྒྱ་ཆེཝ་སྦེ་ འབད་དགོཔ་འདུག། འདི་བཟུམ་གྱི་ཞིབ་འཇུག་འདི་ གཞན་མི་ཆུ་ནང་གི་རིགས་སྣ་གཙོ་བོ་ཚུ་གི་དོན་ལུ་ཡང་ འགོ་བཙུགས་དགོཔ་ཨིན། གཞི་རྟེན་བརྡ་དོན་ཚུ་ གཞི་བཙུགས་འབད་ཚརཝ་ཅིག་ འོས་འབབ་དང་བསྟུན་ ཡུན་བརྟན་འཛིན་སྐྱོང་གི་ འཆར་གཞི་ཚུ་ བརྩམ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པས།