Other
Other
སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠རྒྱལ་ཡོངས་དམིགས་ཚད་༡༦ པ། སྤྱི་ལོ་༢༠༡༥ ལུ་ ན་གོ་ཡ་མཐུན་གྲོས་འདི་ ན་གོ་ཡ་མཐུན་གྲོས་དང་འཁྲིལ་ཏེ་ ཨེ་བི་ཨེསི་ཁྲིམས་བཟོ་དང་ བདག་སྐྱོང་ དེ་ལས་ གཙུག་སྡེའི་གཞི་བཀོད་ཚུ་བརྒྱུད་དེ་ ལག་ལེན་འཐབ་ཨིན།
༉ སྤྱི་ལོ་༢༠༡༣ ལུ་ འབྲུག་རྒྱལ་ཁབ་འདི་ ན་གོ་ཡ་མཐུན་གྲོས་ལུ་ ཆ་འཇོག་གྲུབ་མི་ རྒྱལ་ཁབ་༢༤ པ་ལུ་ འགྱུར་ཡོདཔ་ད་ ད་རེས་ ན་གོ་ཡ་མཐུན་གྲོས་དང་འཁྲིལ་ ཨེ་བི་ཨེསི་སྲིད་བྱུས་དེ་ མཐའ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། འབྲུག་ལུ་ ཨེ་བི་ཨེསི་ལམ་ལུགས་ ལག་ལེན་འཐབ་ནིའི་དོན་ལུ་ སྲིད་བྱུས་དང་ ལམ་ལུགས་གཞི་བཀོད་བཟོ་ནི་གི་ བརྩོན་ཤུགས་བསྐྱེད་དོ་ཡོད་རུང་ རྒྱལ་ཁབ་ནང་ ཨེ་བི་ཨེསི་གི་སྐོར་ལས་ ཧ་གོ་མ་ཚུགས་མི་དང་ གཙུག་སྡེ་དང་ ཁྲིམས་དོན་ དེ་ལས་ འཕྲུལ་རིག་གི་ ལྕོགས་གྲུབ་ཚུ་ ལངམ་སྦེ་ མེད་མི་ལུ་བརྟེན་ གྲུབ་འབྲས་ཚུ་ མགྱོགས་དྲགས་སྦེ་ འགྱོ་དོ་ཡོདཔ་ཨིན་པས། དེ་འབདཝ་ལས་ རྒྱལ་ཡོངས་ཁྲིམས་ལུགས་ཚུ་ མཐུན་སྒྲིག་འབད་དེ་ རྒྱལ་ཡོངས་ཀྱི་ལྕོགས་གྲུབ་ཚུ་ སྒྲིང་སྒྲིང་བཟོ་ཐོག་ལས་ སྤྱི་ལོ་༢༠༢༠ ལུ་ སྐྱེ་ལྡན་ཐོན་སྐྱེད་ཚུ་ ཡུན་བརྟན་ལག་ལེན་འཐབ་མི་ལས་ ཁེ་ཕན་ཚུ་ དྲང་བདེན་དང་ འདྲ་མཉམ་སྦེ་ བགོ་བཤའ་རྐྱབ་ཚུགས་པའི་ ཨེ་བི་ཨེསི་ལམ་ལུགས་ལག་ལེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་དགོཔ་འདི་ འཕྲལ་མགྱོགས་རང་ ཁག་ཆེཝ་ཅིག་ཨིན་མས། རྒྱལ་ཁབ།