Other

Other

སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠

རྒྱལ་ཡོངས་དམིགས་གཏད་༡༡ པ་ ད་ལྟོའི་ཉམས་སྲུང་ས་ཁོངས་ལམ་ལུགས་འདི་ འཛིན་སྐྱོང་གི་ཕན་ནུས་དང་ དངུལ་འབྲེལ་གྱི་ཡུན་བརྟན་ཡར་དྲག་གཏང་ཐོག་ལས་ རྒྱུན་སྐྱོང་འཐབ་ནི།


ཉམས་སྲུང་འབད་བའི་ས་ཁོངས་ནང་ གནད་དོན་གཙོ་བོ་རང་ གཟུགས་ཀྱི་ས་ཁོངས་ཚུ་ མ་ཚངམ་ལས་ ཞབས་ཏོག་དང་ མཐུན་རྐྱེན་ཚུ་ དུས་ཐོག་འཆར་གཞི་བརྩམ་ནི་དང་ ཐོན་སྐྱེད་བཏོན་ནི་ཚུ་ འཕྲལ་འཕྲལ་རང་ ཉམས་སྲུང་གི་དམིགས་ཡུལ་དང་ ལམ་ལུགས་ཚུ་དང་ འགལ་བ་འགྱོ་དོ་ཡོདཔ་ཨིན་པས། སྐྱེ་ལྡན་རྒྱུན་ལམ་ཚུ་ གསལ་བསྒྲགས་འབད་དེ་ཡོད་རུང་ ཁྲིམས་མཐུན་གྱི་གནས་རིམ་དང་ གོང་འཕེལ་གྱི་ལས་སྣ་ཚུ་ལས་ ཉེན་སྲུང་མེདཔ་ཨིན་པས། གླིང་ག་ཚུ་ ཉམས་སྲུང་དང་ ཡུན་བརྟན་ལག་ལེན་གྱི་ བར་ན་ འདྲ་མཉམ་བཞག་སྟེ་ གནས་ཚད་མཐོ་ཤོས་ནང་ ལག་ལེན་འཐབ་ནིའི་དོན་ལུ་ ཡུན་བརྟན་མ་དངུལ་གྱི་ ཐབས་ལམ་མེད་མི་འདི་ གདོང་ལེན་སྦོམ་ཅིག་ཨིནམ་ལས་ དམིགས་གཏད་འདི་གི་དམིགས་ཡུལ་འདི་ ད་རེས་ནངས་པའི་ ཉམས་སྲུང་ས་ཁོངས་ལམ་ལུགས་འདི་ འཛིན་སྐྱོང་གི་ ཕན་ནུས་དང་ མ་དངུལ་ཡུན་བརྟན་གྱི་ཐོག་ལས་ བདག་འཛིན་འཐབ་ནི་འདི་ཨིན།