Other
Other
སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠རྒྱལ་ཡོངས་དམིགས་གཏད་༡༣པ་ སྤྱི་ལོ་༢༠༢༠ལུ་ འཛུགས་སྐྱོང་འབད་མི་སྔོ་ཤིང་དང་ སྒོ་ནོར་སེམས་ཅན་ཚུ་གི་རིགས་མཚན་མ་འདྲཝ་ཚུ་ ཐོ་བཀོད་འབད་དེ་ ཉམས་སྲུང་འབད་ནི་ཨིན་མས།
ས་གནས་ཀྱི་ འཛུགས་སྐྱོང་འབད་མི་ སྔོ་ཤིང་དང་ སྒོ་ནོར་སེམས་ཅན་ཚུ་གི་ སྣ་མང་རིགས་ཚུ་ ཡིག་ཐོག་ལུ་བཀོད་ནི་དང་ ཉམས་སྲུང་འབད་ནི་ཚུ་ གཙོ་བོ་ར་ འཕྲུལ་རིག་དང་ གཙུག་སྡེའི་ ལྕོགས་གྲུབ་མེད་མི་ལུ་བརྟེན་ མཇུག་བསྡུ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས། འདི་ཡང་ གདོང་ལེན་བྱུང་མི་ཚུ་ལུ་ མཐུན་སྒྲིག་འབད་ནི་གི་དོན་ལས་ སོ་ནམ་གྱི་ལམ་ལུགས་བཟོ་ནི་ལུ་ ས་གནས་ཀྱི་སྐྱེ་ལྡན་རིགས་སྣ་ཚུ་གིས་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་ལས་ དམིགས་གཏད་འདི་གིས་ ལོ་ཐོག་གི་རི་དྭགས་དང་ སྒོ་ནོར་སེམས་ཅན་ཚུ་རྩིས་ཏེ་ ས་གནས་ཀྱི་སོ་ནམ་གྱི་རིགས་སྣ་ཚུ་ ཐོ་བཀོད་འབད་ནི་ལུ་ གཙོ་བོར་བསྟེནམ་ཨིན་མས། དེ་གི་ཤུལ་ལས་ ཐབས་བྱུས་ལས་རིམ་འཆར་གཞི་བཟོ་ནི་དང་ ས་གནས་ཀྱི་སོ་ནམ་སྐྱེ་ལྡན་རིགས་སྣ་ཚུ་ ཉམས་སྲུང་དང་ ཡུན་བརྟན་ལག་ལེན་འཐབ་ནིའི་དོན་ལུ་ སྲིད་བྱུས་གཞི་བཀོད་དང་ གཙུག་སྡེའི་ཐབས་ལམ་ཚུ་ ལྕོགས་གྲུབ་བཟོ་ནི་ཨིན་པས།