Other

Other

སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠

རྒྱལ་ཡོངས་དམིགས་ཚད་༡༨ སྤྱི་ལོ་༢༠༢༠ ལུ་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་དང་ ཡུན་བརྟན་ལག་ལེན་དང་འབྲེལ་བའི་ མི་སྡེ་ཚུ་གི་ ཊི་ཀེ་དང་ ལམ་སྲོལ་གྱི་ལག་ལེན་ཚུ་ ཡིག་ཐོག་ལུ་བཀོད་དེ་ ལག་ལེན་འཐབ་སྟེ་ འོས་འབབ་ཡོད་ས་ལུ་ བསྐྱར་གསོ་འབད་དེ་ ཉམས་སྲུང་འབད་དགོ།


སྤྱིར་བཏང་ལུ་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་དང་ ཡུན་བརྟན་ལག་ལེན་འཐབ་ཐངས་ནང་ མི་སྡེ་ཚུ་གིས་ རང་ལུགས་ཤེས་ཡོན་དང་ ལམ་སྲོལ་གྱི་ལག་ལེན་ཚུ་ གཅིག་ཁར་བསྡོམས་ཏེ་ བཅའ་མར་གཏོགས་ཚུགས་པའི་ ཐབས་ལམ་ལུ་ སྲིད་དོན་གྱི་ སེམས་ཤུགས་དང་ གཞུང་གི་རྒྱབ་སྐྱོར་ཡོདཔ་ཨིན། ཨིན་རུང་ མི་སྟོབས་དང་ འཕྲུལ་རིག་ དེ་ལས་ ཁྲིམས་དོན་དང་ དངུལ་འབྲེལ་གྱི་ ཐོན་ཁུངས་ཚུ་ ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ བྱ་རིམ་དེ་ འགོར་ལས་སྦེ་ འགྱོ་དོ་ཡོདཔ་ཨིན་པས། རིགས་མཚན་ཐོན་སྐྱེད་དང་འབྲེལ་བའི་ TK གི་ཁག་ཆེ་ཧིང་ཡར་སེང་འགྱོ་མི་དང་འབྲེལ་ཏེ་ དམིགས་ཚད་འདི་གིས་ TK དང་ མི་སྡེ་གི་ལམ་སྲོལ་གྱི་ལག་ལེན་ཚུ་ ཡིག་ཐོག་ལུ་བཀོད་ནི་དང་ ཉམས་སྲུང་འབད་ནི་ དེ་ལས་ ལག་ལེན་འཐབ་ནི་གི་དོན་ལུ་ ལཱ་གི་ལས་རིམ་ཚུ་ ངོས་འཛིན་འབདཝ་ཨིན།