Other

Other

སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠

རྒྱལ་ཡོངས་དམིགས་ཚད་༣ པ་ སྤྱི་ལོ་༢༠༢༠ ལུ་ སྐྱེ་ལྡན་རིགས་སྣ་ལུ་གནོད་པ་ཡོད་པའི་ སེམས་ཤུགས་ཚུ་ བསྐྱར་ཞིབ་འབད་དེ་ སེམས་ཤུགས་ལེགས་ཤོམ་ཚུ་ ཡར་སེང་འབད་ནི།


བསྐྱར་གསོ་འབད་བཏུབ་པའི་ རང་བཞིན་ཐོན་སྐྱེད་ལས་སྡེ་ནང་ སེམས་ཤུགས་བྱིན་མི་ དབྱེ་བ་མ་འདྲཝ་ཚུ་ གཙོ་བོ་ར་ ཟ་འཐུང་དང་ ཟས་བཅུད་ཉེན་སྲུང་དང་ གྲོང་གསེབ་ཀྱི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ དེ་ལས་ ནང་འདྲེན་ལུ་ བརྟེན་སྡོད་མི་ མཐོ་དྲགས་སྦེ་ མར་ཕབ་འབད་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས། འ་ནི་སེམས་ཤུགས་འདི་ ཆུང་ཀུ་ཅིག་ཨིན་རུང་ ཕན་ཐོགས་ཀྱི་ཐད་ཁར་ ལེགས་ཤོམ་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་རུང་ སྐྱེ་ལྡན་རིགས་སྣ་ལུ་ ཕན་གནོད་འདི་ ད་ལྟོ་ཡང་ དབྱེ་ཞིབ་འབད་མ་ཚུགས་པར་ཡོདཔ་ཨིན། ནགས་ཚལ་ལས་སྡེ་ནང་ གྲོགས་རམ་ཐོབ་མི་ ཤིང་ཆས་དང་ NWFPs བསྡུ་ལེན་འབད་ནི་གི་དབང་ཚད་འདི་ སྤྱིར་བཏང་ལུ་ གནོད་པ་ཅན་ཅིག་སྦེ་ མཐོངམ་ཨིནམ་ད་ འདི་ཡང་ ཐོན་སྐྱེད་འདི་ཚུ་ འཛིན་སྐྱོང་མ་འབད་བའི་ ནགས་ཚལ་ཚུ་ནང་ལས་ དུས་ཐུང་གི་ཐོག་ལས་ བཏོན་མི་ལུ་བརྟེན་ཏེ་ཨིན་མས། མཉམ་འབྲེལ་ཉམས་སྲུང་དང་གོང་འཕེལ་ལས་རིམ་འདི་ ཡུན་བརྟན་གྱི་གནད་དོན་ཚུ་ཡོད་རུང་ སེམས་ཤུགས་ལེགས་ཤོམ་ཅིག་སྦེ་ མཐོངམ་ཨིན་མས། དེ་འབདཝ་ལས་ དམིགས་གཏད་འདི་གི་དམིགས་ཡུལ་འདི་ འོས་འབབ་ཅན་གྱི་བར་འཛུལ་གྱི་དོན་ལུ་ སྐྱེ་ལྡན་རིགས་སྣ་ལུ་ སེམས་ཤུགས་བྱིན་མི་འདི་གིས་ ཕན་གནོད་ཚུ་ ངེས་གཏན་བཟོ་ནི་འདི་ཨིན།