Other
Other
སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠རྒྱལ་ཡོངས་དམིགས་གཏད་༡༤ པ་ སྤྱི་ལོ་༢༠༢༠ ལུ་ སྐྱེ་ལྡན་རིམ་ལུགས་དང་ སྐྱེ་ལྡན་རིམ་ལུགས་ཀྱི་ཞབས་ཏོག་གཙོ་བོ་ཚུ་ ངོས་འཛིན་འབད་དེ་ དབྱེ་ཞིབ་འབད་དེ་ མི་ཚུ་གི་མཐའ་དོན་ལུ་ ཉེན་སྲུང་འབད་དགོ།
འབྲུག་མི་ཚུ་གིས་ སྐྱེ་ལྡན་རིམ་ལུགས་དང་ དེ་གི་ཞབས་ཏོག་ཚུ་གི་བརྩི་མཐོང་ཚུ་ ངོས་འཛིན་འབད་དེ་ མཐའ་འཁོར་གནས་སྟངས་ཉམས་སྲུང་འབད་ནི་གི་ བསམ་བློ་སྒྲིང་སྒྲིང་སྦེ་ བདག་འཛིན་འཐབ་སྟེ་ཡོད་རུང་ སྐྱེ་ལྡན་རིམ་ལུགས་ཀྱི་ཞབས་ཏོག་ཚུ་ལུ་ ཏི་རུ་གི་བརྩི་མཐོང་བཀལ་ནི་འདི་ ལམ་སྲོལ་དང་ ཞིབ་འཚོལ་གྱི་དམིགས་ཡུལ་སྒྲིང་སྒྲིང་ཅིག་ཡང་མེན། འདི་གིས་ སྐྱེ་ལྡན་རིམ་ལུགས་དང་ སྐྱེ་ལྡན་རིམ་ལུགས་ཀྱི་ཞབས་ཏོག་མ་འདྲཝ་ཚུ་གི་ བརྩི་མཐོང་ངོ་མ་འདི་ ཉམས་བཅུག་སྟེ་ སྐྱེ་ལྡན་རིམ་ལུགས་འདི་ཚུ་ ངོས་འཛིན་དང་ ཉམས་སྲུང་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན། དེ་འབདཝ་ལས་ དམིགས་གཏད་༢ པ་དང་མཉམ་འབྲེལ་ཐོག་ལས་ དམིགས་གཏད་འདི་གིས་ སྐྱེ་ལྡན་རིམ་ལུགས་གཙོ་བོ་ཚུ་ངོས་འཛིན་འབད་དེ་ དེ་ཚུ་གི་གནས་རིམ་དང་ ཞབས་ཏོག་བྱིན་མི་ཚུ་གི་ བརྩི་མཐོང་ཚུ་ བརྟག་ཞིབ་འབད་ནི་ལུ་ གཙོ་བོར་བསྟེན་ནི་ཨིན། དེ་མ་ཚད་ ཁག་ཆེ་བའི་ ཆ་ཤས་ཅིག་ཡང་ སྐྱེ་ལྡན་རིམ་ལུགས་ཞབས་ཏོག་འདི་ཚུ་ལུ་ བརྟེན་སྡོད་མི་ ཨམ་སྲུ་དང་ ཨ་ལུ་ཚུ་རྩིས་ཏེ་ དབུལ་ཕོངས་དང་ ཉེན་ཁ་ཅན་གྱི་ དབྱེ་ཁག་ཚུ་ ངོས་འཛིན་འབད་ནི་འདི་ཨིན། དེ་གི་ཤུལ་ལས་ འབྲུག་མི་དང་ ལུང་ཕྱོགས་ཁྱིམ་ཚང་ཚུ་གི་ མཐའ་དོན་ལུ་ སྐྱེ་ལྡན་རིམ་ལུགས་དང་ སྐྱེ་ལྡན་རིམ་ལུགས་ཞབས་ཏོག་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ འོས་འབབ་ཅན་གྱི་ ཐབས་བྱུས་ཚུ་ བཙུགས་ནི་ཨིན་པས།