Other
Other
སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠རྒྱལ་ཡོངས་དམིགས་ཚད་༡༥ པ་ སྤྱི་ལོ་༢༠༢༠ ལུ་ གཙོ་རིམ་ཅན་གྱི་ ཉམས་རྒུད་བྱུང་མི་ སྐྱེ་ལྡན་རིམ་ལུགས་དང་ སྡོད་གནས་ཚུ་ ངོས་འཛིན་འབད་དེ་ ས་ཆའི་གནས་སྟངས་ཀྱི་ཐབས་ལམ་བརྒྱུད་དེ་ ཉམས་གསོ་འབད་ནི་ཨིན་པས།
རྒྱལ་ཁབ་ནང་ལུ་ ཉམས་རྒུད་འགྱོ་མི་ ས་ཁོངས་ཚུ་གི་ ཨེ་ཀར་དང་ ས་གནས་ཀྱི་སྐོར་ལས་ གཞི་རྟེན་བརྡ་དོན་ཡོད་རུང་ ཉམས་རྒུད་འགྱོ་བའི་ གནས་རིམ་དང་ གནས་ཚད་ དེ་ལས་ ཉམས་རྒུད་འགྱོ་མི་ སྐྱེ་ལྡན་རིམ་ལུགས་ཀྱི་རིགས་ཚུ་གི་སྐོར་ལས་ བརྡ་དོན་ཚུ་ མ་ལངམ་སྦེ་ཡོདཔ་ཨིན། གལ་ཆེ་བའི་བརྡ་དོན་འདི་མེད་མི་འདི་གིས་ ད་ལྟོ་ཡོད་པའི་ ཉམས་གསོ་དང་ བསྐྱར་གསོའི་ལས་རིམ་ཚུ་ལུ་ ཐོ་ཕོགཔ་ཨིན། དེ་མ་ཚད་ སྡོད་གནས་དང་སྐྱེ་ལྡན་རིམ་ལུགས་ཉམས་རྒུད་ཀྱི་གནད་དོན་ཚུ་ ཆ་ཚང་སྦེ་ ལྟ་རྟོག་འབད་ནི་གི་དོན་ལུ་ གཙུག་སྡེ་གི་ཐབས་ལམ་ཅིག་ཡང་ མེདཔ་ཨིན་མས། ས་ཆ་ཉམས་རྒུད་ལུ་གདོང་ལེན་འབད་ནིའི་དོན་ལུ་ རྒྱལ་ཡོངས་ལག་ལེན་འཆར་གཞི་འདི་ ས་ཆ་ཉམས་རྒུད་ཀྱི་གནད་དོན་འདི་ སེལ་ཐབས་ལུ་ བཀའ་རྒྱ་གནང་ཡོདཔ་ལས་ དམིགས་གཏད་འདི་ནང་ གྲོས་འཆར་བཀོད་མི་ བྱ་སྤྱོད་ཚུ་ ས་ཆ་ཉམས་རྒུད་ཀྱི་ རྒྱལ་ཡོངས་ལག་ལེན་འཆར་གཞི་ལུ་ ལྷན་ཐབས་འབད་ནི་གི་དོན་ལུ་ བསམ་ཞིབ་འབདཝ་ཨིན། དཔལ་འབྱོར་གྱི་འགྲོ་སོང་དང་ རྒྱལ་ཁབ་ནང་ ཉམས་ཆག་ཤོར་མི་ སྐྱེ་ལྡན་རིམ་ལུགས་དང་ ས་ཁོངས་ཚུ་ག་ར་ ཉམས་གསོ་འབད་ནི་ལུ་ རང་བཞིན་གྱི་ བར་ཆད་ཚུ་ལུ་བལྟ་སྟེ་ དམིགས་གཏད་འདི་གིས་ ཉམས་རྒུད་འགྱོ་བའི་ གནས་ཚད་དང་ རྒྱུ་རྐྱེན་ཚུ་ ཧ་གོ་ནི་ལུ་ གཙོ་བོར་བསྟེན་ནི་ཨིན་པས།