News

News

Bird-spec.jpg
སྤྱི་ལོ་ 2019 ལ་སྤེལ།
༢༠༢༢ ཟླ་༢ ༢༦

བྱ་རིགས་གསརཔ་མཐོང་ཡོདཔ།


འབྲུག་གིས་ བྱ་རིགས་གསརཔ་ཅིག་ མཐོང་ཚུགས་པའི་ཐོ་ནང་ ཁ་སྐོང་བཀོད་ཡོདཔ། ༉ སྤྱི་ལོ་༢༠༢༢ སྤྱི་ཟླ་༢ པའི་ཚེས་༢༢ ལུ་ འཛམ་གླིང་རི་དྭགས་མ་དངུལ་གྱི་ ལས་བྱེདཔ་ཚུ་གིས་ ཐིམ་ཕུག་ ཀ་བི་ས་ལུ་ བྱ་རྐྱངམ་གཅིག་འབད་མི་ བྱ་དེ་ རྒྱལ་ཁབ་ནང་ འགོ་དང་པ་ མཐོང་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ བྱ་མཁས་མཆོག་ལེ་ཤ་ཅིག་གིས་ ངོ་མ་རང་ རྒྱལ་ཁབ་ནང་ འགོ་དང་པ་ མཐོང་ཡོདཔ་སྦེ་ ངེས་གཏན་བཟོ་ཡོདཔ་ཨིན་པས། རྒྱལ་སྤྱིའི་བྱ་གི་དུས་དེབ་ཚུ་དང་འཁྲིལཔ་ད་ བྱ་འདི་ མང་ཤོས་ཅིག་རང་ ཡུ་རོབ་ལུ་ཡོདཔ་སྦེ་ཨིན་མས།

དྲབ་ལུ་ཌབ་ལུ་ཨེཕ་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ བྱ་དེ་ གནམ་གཤིས་འགྱུར་བགྲོད་དང་ ཡང་ཅིན་ ལྟོ་འཚོལ་བའི་དོན་ལུ་ ནཱ་ལུ་ གནས་སྤོ་འོང་ཡོདཔ་འོང་ཟེར་ཨིན་པས།

Bird-spec.jpg
སྤྱི་ལོ་ 2019 ལ་སྤེལ།
༢༠༢༢ ཟླ་༢ ༢༦

ཟུར་སྦྲགས་ཚུ། (1)