News
འབྲུག་ལས་ ཕྱེ་མ་ལེབ་ཀྱི་རིགས་གསརཔ་ ཀོའི་ཝ་ཡ་ ༢༠༠༢ ལུ་ ཐོ་བཀོད་འབད་ཡོདཔ་ཨིན།
Euaspa motokii , Koiwaya, 2002, འབྲུག་ལས་ ཕྱེ་མ་ལེབ་ཀྱི་རིགས་གསརཔ་ཐོ་བཀོད་འབད་ཡོདཔ་ཨིན། འདི་གི་བཀྲམ་སྤེལ་གྱི་ཁྱབ་ཁོངས་འདི་ མའེ་ཡན་མར་གྱི་ ཀཱ་ཅིན་མངའ་སྡེ་ལས་ ཤར་ཕྱོགས་ཨ་རུ་ན་ཅཱལ་པར་དེཤ་ཚུན་ཚོད་ ཁྱབ་སྤེལ་འགྱོ་སྟེ་ཡོདཔ་ད་ ད་རེས་ འབྲུག་དབུས་ཕྱོགས་ཀྱི་ ཧི་མ་ལ་ཡ་གི་རི་རྩེ་ཚུན་ཚོད་ ཁྱབ་སྤེལ་འགྱོ་སྟེ་ཡོདཔ་ཨིན། ད་རེས་ནངས་པར་ འབྲུག་ལུ་ Euaspa གི་ རིགས་ pavo དང་ motokii ཟེར་མི་ གཉིས་ཡོདཔ་ཨིན། ཐོ་བཀོད་འདི་དང་གཅིག་ཁར་ འབྲུག་གིས་ ད་རེས་ ཕྱེ་མ་ལེབ་ཀྱི་རིགས་༧༦༠ ཐོ་བཀོད་འབད་དེ་ཡོདཔ་ཨིན།
ཁ་གསལ་གྱི་དོན་ལུ་ འོག་གི་འབྲེལ་མཐུད་ནང་གཟིགས་གནང་།
https://threatenedtaxa.org/index.php/JoTT/རྩོམ་ཡིག/བལྟ་/༦༦༨༢

