News

News

Ashi_0.jpg
སྤྱི་ལོ་ 2019 ལ་སྤེལ།
༢༠༢༡ ཟླ་༦ ༠༨

མི་དབང་རྒྱལ་ཡུམ་མཆོག་གིས་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ཉིནམ་ བརྩི་སྲུང་མཛད་གནང་ཡོདཔ།


མི་དབང་རྒྱལ་ཡུམ་མཆོག་གིས་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ཉིནམ་ བརྩི་སྲུང་མཛད་གནང་ཡོདཔ།

སྤྱི་ལོ་༢༠༢༡ ཟླ་༦ ཚེས་༥

མི་དབང་རྒྱལ་བཙུན་མཆོག་གིས་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༥ ལུ་ འཛམ་གླིང་ནང་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ཉིནམ་ བརྩི་སྲུང་འབད་ནིའི་དོན་ལུ་ ལས་རིམ་ཅིག་ འགོ་འདྲེན་འཐབ་གནང་ཡི།

མི་དབང་རྒྱལ་ཡུམ་མཆོག་གིས་ མཐའ་འཁོར་གནས་སྟངས་ཀྱི་དོན་ལུ་ གལ་གནད་ཅན་གྱི་ རྒྱལ་ཡོངས་བྱ་སྤྱོད་༤ འགོ་འབྱེད་གནང་ཡོདཔ་ད་ དེ་ཡང་ འབྲུག་གི་རྒྱལ་ཡོངས་གཏན་འཁེལ་གྱི་ ཕན་འདེབས་༢ པ། གནམ་གཤིས་འགྱུར་བགྲོད་ཀྱི་ཐོག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གཞི་བཀོད་ཆིངས་ཡིག་ (UNFCCC) ལུ་ འབྲུག་གི་རྒྱལ་ཡོངས་བརྡ་སྤྲོད་གསུམ་པ། ཟ་འཐུང་ཉེན་སྲུང་དང་ མི་སྡེ་གཞི་ཆགས་ ཁ་ཐོག་སྐྱེལ་འདྲེན་དང་ བཟོ་གྲྭ་ཚུ་གི་དོན་ལུ་ ཐོན་རླུང་ཉུང་བའི་གོང་འཕེལ་གྱི་ཐབས་བྱུས་ དེ་ལས་ སྐྱེ་ལྡན་རིགས་སྣ་གི་གྲོས་འཛོམས་འོག་ལུ་ རྒྱལ་ཡོངས་གཙང་སྦྲ་འཕྲོད་བསྟེན་གྱི་ ཐབས་ལམ་ཡར་དྲག་གཏང་ནི།

འབྲུག་གི་ NDC དང་ Sectoral LEDS བཞི་འདི་ #UNDPBhutan UNDP - Bhutan གིས་ Climate Promise funding གི་ཐོག་ལས་ མ་དངུལ་དང་འཕྲུལ་རིག་གི་རྒྱབ་སྐྱོར་ཐོག་ལས་ གྲ་སྒྲིག་འབད་ཡོདཔ་ཨིན།

དུས་ཅི་ འཛམ་གླིང་འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ཉིནམ་འདི་ བརྗོད་དོན་འདི་ “སྐྱེ་ལྡན་རིམ་ལུགས་ཉམས་གསོ།”

ཀོ་བིཌ་-༡༩ གི་ ལམ་ལུགས་དང་འཁྲིལ་ཏེ་ ལས་རིམ་ནང་ བཅའ་མར་གཏོགས་མི་ གྱངས་ཁ་ཉུང་སུ་ཅིག་ལས་བརྒལ་མེདཔ་ད་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ འབྲེལ་ཡོད་ལས་སྡེ་ཚུ་གི་ འགོ་དཔོན་ དེ་ལས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ཚུ་ཨིན་པས།

མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ལཱ་འབད་མི་ ལས་སྡེ་མ་འདྲཝ་ཚུ་གི་ངོ་ཚབ་འགོ་དཔོན་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཐའ་འཁོར་གནས་སྟངས་ཀྱི་ རྒྱལ་པོའི་རྒྱབ་སྐྱོར་པ་སྦེ་ ང་བཅས་རའི་རྒྱལ་ཡོངས་ཉམས་སྲུང་ལས་རིམ་ལུ་ འཕྲོ་མཐུད་དེ་རང་ རྒྱབ་སྐྱོར་དང་ ལམ་སྟོན་གནང་མི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ཡི།

འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་ཉིནམ་འདི་ རྒྱལ་ཁབ་ནང་འཁོད་ལུ་ ཡིག་ཚང་དང་སློབ་གྲྭ་ གཙུག་སྡེ་ དེ་ལས་ སྒེར་སྡེ་ཚུ་གིས་ བརྩི་སྲུང་འབད་དོ་ཡོདཔ་ཨིན།

Ashi_0.jpg
སྤྱི་ལོ་ 2019 ལ་སྤེལ།
༢༠༢༡ ཟླ་༦ ༠༨

ཟུར་སྦྲགས་ཚུ། (1)