Other

Other

སྤྱི་ལོ་ 2019 ལ་སྤེལ།
༢༠༢༠ ཟླ་༡༠ ༢༦

རྒྱལ་ཡོངས་དམིགས་ཚད་༢ པ་ སྤྱི་ལོ་༢༠༡༨ ལུ་ སྐྱེ་ལྡན་རིགས་སྣ་དང་ སྐྱེ་ལྡན་རིམ་ལུགས་ཀྱི་ཞབས་ཏོག་ཚུ་ གཅིག་ཁར་བསྡོམས་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ལྕོགས་གྲུབ་གཞི་བཙུགས་འབད་ནི།


ད་རེས་ནངས་པར་ སྐྱེ་ལྡན་རིགས་སྣ་དང་ སྐྱེ་ལྡན་རིམ་ལུགས་ཀྱི་ཞབས་ཏོག་ཚུ་གི་ བརྩི་མཐོང་འདི་ རྒྱལ་ཡོངས་ལྕོགས་གྲུབ་ཡར་དྲག་གཏང་ནིའི་ལས་རིམ་ཚུ་གི་དོན་ལུ་ ཚད་འཛིན་འབད་དེ་ཡོདཔ་ཨིན། ཨིན་རུང་ རྒྱལ་ཁབ་ནང་ལུ་ སྐྱེ་ལྡན་རིགས་སྣ་དང་ སྐྱེ་ལྡན་རིམ་ལུགས་ཀྱི་ཞབས་ཏོག་ཚུ་ ལམ་ལུགས་དང་འཁྲིལ་ཏེ་ བརྩི་འཇོག་འབད་ནི་མེདཔ་ཨིན་མས། འདི་ཡང་ གཙོ་བོ་ར་ སྐྱེ་ལྡན་རིགས་སྣ་དང་ སྐྱེ་ལྡན་རིམ་ལུགས་ཀྱི་ཞབས་ཏོག་ཚུ་ བརྩི་མཐོང་འབད་ནི་གི་དོན་ལུ་ ལས་རིམ་ཚུ་ མཉམ་འབྲེལ་དང་ འགོ་འཁྲིད་འབད་ནི་གི་ རྒྱལ་ཡོངས་ལྕོགས་གྲུབ་དང་ གཙུག་སྡེའི་ཐབས་ལམ་ཚུ་ ལངམ་སྦེ་མེད་མི་ལུ་བརྟེན་ཏེ་ཨིན་མས།

དེ་འབདཝ་ལས་ དམིགས་གཏད་འདི་གི་དམིགས་ཡུལ་འདི་ སྐྱེ་ལྡན་རིགས་སྣ་དང་ སྐྱེ་ལྡན་རིམ་ལུགས་ཀྱི་ཞབས་ཏོག་ཚུ་ བརྩི་མཐོང་འབད་ནི་གི་དོན་ལུ་ རྒྱལ་ཡོངས་ཀྱི་ལྕོགས་གྲུབ་བཟོ་ནི་དང་ འོས་འབབ་ཡོད་ས་ལུ་ བརྩི་མཐོང་འདི་ཚུ་ རྒྱལ་ཡོངས་འཆར་གཞི་དང་ སྲིད་བྱུས་བཟོ་ནི་གི་བྱ་རིམ་དང་ རྩིས་ཁྲའི་ལམ་ལུགས་ནང་ བཙུགས་ནི་འདི་ཨིན།